Sunday, January 24, 2021

The Ministry of Health has completed mass testing in 18 green districts and we will begin the community testing in Thimphu from tomorrow (15.01.2021) till 19.01.2021. The objective of the community testing is to assess the COVID-19 situation in the city and to facilitate the phase-wise unlocking of Thimphu.To this effect, we would like to request all the Thimphu residents to abide by the conditions in the enclosed infographics while availing the testing services over the next 5 days.

གསོ་བའི་ལྷན་ཁག་གིས་ རྫོང་ཁག ༡༨ ནང་ མི་མང་ལུ་ཀོ་ཝིཌ་-༡༩ གི་བརྟག་དཔྱད་འབད་ཚར་བའི་ཤུལ་ལུ་ ནངས་པར་སྤྱི་ཚེས་ ༡༥/༠༡/༢༠༢༡ ལས་འགོ་བཙུགས་ཏེ་ སྤྱི་ཚེས་ ༡༩/༠༡/༢༠༢༡ ཚུན་ བརྟག་དཔྱད་དེ་ ཐིམ་ཕུ་ལུ་འགོ་འདྲེན་འཐབ་ནི་ཨིན། དེ་སྦེ་ མི་སྡེ་ནང་བརྟག་དཔྱད་འབད་དགོ་མི་དེ་ཡང་ ཐིམ་ཁྲོམ་ནང་ ཀོ་ཝིཌ་-༡༩ གི་གནས་སྟངས་དབྱེ་ཞིབ་འབད་ནི་དང་ ཐིམ་ཕུ་གི་འགྲོ་འགྲུལ་བཀག་བསྡམ་དེ་ གོ་རིམ་བཞིན་དུ་ ཡངས་ཆག་གཏང་ནིའི་དོན་ལུ་ཨིན། དེ་འབདཝ་ལས་ གསོ་བའི་ལྷན་ཁག་གི་ཞུ་བ་དེ་ཡང་ མི་མང་གིས་བརྟག་དཔྱད་ཞབས་ཏོག་ཚུ་སྤྱོད་པར་འོངམ་ད་ འོག་ལུ་བཀོད་མི་གནད་དོན་ཚུ་ལུ་ ག་དེ་དྲག་དྲག་ གནས་གནང་ཟེར་ཞུ་ནི་ཨིན།