Thursday, May 27, 2021

ཁྱབ་བསྒྲགས།དུས་མཐུན་སྙན་ཞུ།གསོ་བའི་ལྷན་ཁག་གིས་ མི་མང་ལུ་ དུས་རྒྱུན་དུ་ ཐུགས་དྲནམ་བཏོན་ཏེ་བཞུགས་གནང་ཟེར་ཞུ་ནི་ཨིན།འགྲོ་འགྲུལ་བཀག་བསྡམ་ཡངས་ཆག་གཏང་རུང་སེམས་ཁར་བཞག་དགོཔ་ཚུ་ཡང་།ནད་ཡམས་ཀོ་ཝིཊ-༡༩ གི་སྨན་ཁབ་དང་འབྲེལ་བའི་དུས་མཐུན་སྙན་ཞུའི་བཅུད་དོན།སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་བཀའ་སློབ།སྤྱི་ཚེས་ ༢༦/༠༤/༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་ཝིཊ-༡༩ གི་གནས་སྟངས་སྐོར་ལས་ དུས་མཐུན་སྙན་ཞུ།སྤྱི་ཚེས་ ༢༨/༠༤/༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་ཝིཊ-༡༩ གི་གནས་སྟངས་སྐོར་ལས་ དུས་མཐུན་སྙན་ཞུ།སྤྱི་ཚེས་ ༢༧/༠༤/༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་ཝིཊ-༡༩ གི་གནས་སྟངས་སྐོར་ལས་ དུས་མཐུན་སྙན་ཞུ།སྤྱི་ཚེས་ ༢༢/༠༤/༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་ཝིཊ-༡༩ གི་གནས་སྟངས་སྐོར་ལས་ དུས་མཐུན་སྙན་ཞུ།

གནས་ཚུལ་ཐོ་བཀོད་འབད་ནི/དུས་མཐུན།

ཀོ་ཝིཊ་-༡༩: ཁྱིམ་ནང་ཟུར་བརྟག་འབད་ནིའི་ བྱ་བའི་གནས་སྤྱོད་།

ཟུར་བརྟག་འབད་དགོ་པའི་རྒྱུ་མཚན་ཡང་  མི་ངོམ་གང་རུང་ཅིག་ལུ་ ཀོ་ཝིཊ-༡༩ གི་ནད་གཞིའི་རྟགས་མཚན་ ཡོདཔ་དང་མེདཔ་ལྟ་རྟོག་འབད་ནིའི་དོན་ལུ་བཞགཔ་ཨིན། དེ་མ་ཚད་ ནད་གཞི་འདི་གནོད་ཉེན་ཆེ་བའི་གནས་སྟངས་ལུ་ཚུད་ཡོདཔ་ལས་བརྟེན་  ཁྱོད་རའི་བཟའ་ཚང་དང་ ཆ་རོགས་/མཉམ་རོགས་ཚུ་ ཡང་ན་མི་སྡེ་ནང་ ནད་གཞི་འདི་སྤེལ་ནི་ལས་ སྔོན་འགོག་འབད་ནི་དང་ ཉེར་བར་མཁོ་བའི་སྨན་བཅོས་སྤྲོད་ནིའི་དོན་ལུ་ཡང་ཨིན། Quarantine_SoP_Home

སྤྱི་ཟླ་གསུམ་པ། 15th, 2020 གང་མང་ལྷབ་ནི་/ཤེས་ནི།

ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ ཀོ་ཝིཊ-༡༩ ཚན་རིག་བརྟག་དཔྱད་ཁང་ (RT-PCR) གཞི་བཙུགས་འབད་ཡོདཔ།

གསོ་བའི་ལྷན་ཁག་གིས་  ཀོ་ཝིཊ-༡༩ མགྱོགས་པར་བདའ་འཛིན་ནི་དང་ བཀག་ནིའི་དོན་ལུ་ ནུས་སྟོབས་ཅན་གྱི་གདོང་ལེན་གྲ་སྒྲིག་གི་གྲངས་སུ་སྦེ་ ཁ་ཙ་ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ ཀོ་ཝིཊ-༡༩ ཚན་རིག་བརྟག་དཔྱད་ཁང་ (RT-PCR) གཞི་བཙུགས་འབད་ཡོདཔ་ཨིན། ཚན་རིག་བརྟག་དཔྱད་ཁང་ འཕྲུལ་ཆས་ལག་ལེན་ཁུངས་དང་ལྡན་ཧིང་དང་ཡིད་ཆེས་ཐག་གཅད་ཀྱི་་དོན་ལུ་ ལག་ལེན་སྦྱང་བ་ཚུ་ཡང་འབད་ཡོདཔ་ཨིན།

སྤྱི་ཟླ་གསུམ་པ། 15th, 2020 གང་མང་ལྷབ་ནི་/ཤེས་ནི།

ཀོ་ཝིཊ-༡༩: འགྲོ་འགྲུལ་པ་ཡོངས་ལུ་ ཁྱབ་བསྒྲགས།

སྤྱི་ཚེས་༡༡/༠༣/༢༠༢ ལུ་ ཀོ་ཝིཊ-༡༩ འདི་  འཛམ་གླིང་གསོ་བའི་ལས་སྡེ་གིས་ ཡོངས་ཁྱབ་རིམས་ནད་སྦེ་ གསལ་བསྒྲགས་འབདཝ་ལས་ རྒྱལ་ཁབ་ནང་ལུ་འོང་མི་ག་ར་ ཉེན་ཁ་ཆེཝ་སྦེ་བརྩིཝ་ཨིན། Notification-for-travelers_-COVID-19 Undertaking-Letter

སྤྱི་ཟླ་གསུམ་པ། 15th, 2020 གང་མང་ལྷབ་ནི་/ཤེས་ནི།

ཀོ་ཝིཊ-༡༩: འགྲོ་འགྲུལ་བསླབ་སྟོན།

འཛམ་གླིང་གསོ་བའི་ལས་སྡེ་གིས་ ཀོ་ཝཊ-༡༩ ནད་ཡམས་འདི་ ཡོངས་ཁྱབ་རིམས་ནད་ཨིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ལས་ གསོ་བའི་ལྷན་ཁག་གིས་ འགྲོ་འགྲུལ་འབད་མི་ཚུ་ལུ་གཤམ་གསལ་གྱི་བསླབ་སྟོན་ ཕུལཝ་ཨིན: ༡. འགྲོ་འགྲུལ་འབད་བའི་སྐབས་ལུ་ ཀོ་ཝཊ-༡༩ སྔོན་འགོག་གི་ཐབས་ལམ་ཚུ་ ཆ་འཇོག་འབད་ཞིནམ་ལས་ ལག་ལེན་འཐབ་གནང། ༢. འབྲུག་རྒྱལ་ཁབ་ལུ་འགྲོ་འགྲུལ་འབདཝ་ད་ བསྒུག་པའི་སྐབས་སུ་ ཁྲོམ་སྡེ་ཚུ་གི་ནང་ལུ་ མི་མང་འཛོམས་ས་དང་...

སྤྱི་ཟླ་གསུམ་པ། 14th, 2020 གང་མང་ལྷབ་ནི་/ཤེས་ནི།

རྒྱལ་ཡོངས་ཀྱི་ ཀོ་རོ་ན་ནད་གཞིའི་ གནས་སྟངས་དུས་མཐུན་སྙན་ཞུ།

སྤྱི་ཚེས་༣༡.༠༣.༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་རོ་ན་ནད་གཞིའི་ གནས་སྟངས་སྐོར་སྙན་ཞུ།

སྤྱི་ཟླ་གསུམ་པ། 31st, 2020 གང་མང་ལྷབ་ནི་/ཤེས་ནི།

ཁྱབ་བསྒྲགས: ཟུར་བརྟག་ས་ཁོངས་ནང་ལས་ བཏང་པའི་སྐབས་ཀྱི་བྱ་སྒོའི་རིམ་པ་ཚུ།

འབྲེལ་ཡོད་འགན་འཛིན་འགོ་དཔོན་དང་ མི་མང་ཚུ་ལུ་ བརྡ་སྤྲོད་འབད་ནི་ཨིན།

སྤྱི་ཟླ་གསུམ་པ། 31st, 2020 གང་མང་ལྷབ་ནི་/ཤེས་ནི།

ཁྱབ་བསྒྲགས: ཟུར་བརྟག་དུས་ཡུན།

གསོ་བའི་ལྷན་ཁག་གིས་ སྤྱི་ཚེས་ ༣༡/༠༣/༢༠༢༠ ལས་འགོ་བཟུང་སྟེ་ ཟུར་བརྟག་གི་དུས་ཡུན་འདི་ ཉིན་གྲངས་ ༡༤ ལས་ ༢༡ ལུ་ཡར་སེང་འབད་ཡོདཔ་དང་ ད་ལྟོ་ཟུར་བརྟག་ནང་ལུ་ཡོད་མི་ཚུ་ཡང་ འཕྲོ་མཐུད་དེ་རང་སྡོད་དགོཔ་ཨིན།  ཨིན་རུང་ ཕྱི་རྒྱལ་ལས་སྨན་བཅོས་དང་ ཡང་ཅིན་ ཨ་ལུ་སྐྱེས་ཞིནམ་ལས་ལོག་མི་ཚུ་ (ལོ་ཚད་དང་མ་འཁྲིལ་བར་) ཧེ་མ་བཟུམ་སྦེ་ར་ རང་སོའི་ཁྱིམ་ནང་ཟུར་བརྟག་འབད་བཞག་ནི་ཨིན།

སྤྱི་ཟླ་གསུམ་པ། 31st, 2020 གང་མང་ལྷབ་ནི་/ཤེས་ནི།

འཛམ་གླིང་བད་ཀན་གྱི་ཉིནམ་ ༢༠༢༠།

སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༢༤ འདི་འཛམ་གླིང་བད་ཀན་གྱི་ཉིནམ་ཨིན། གལ་སྲིད་ བདུན་ཕྲག་ ༢ ལས་ལྷགཔ་སྦེ་ གློ་འཁོག་པ་ཅིན་ བརྟག་དཔྱད་ཀྱི་དོན་ལུ་ཉེ་འདབས་ཀྱི་ཚ་རིམས་སྨན་བཅོས་ཁང་ ཡང་ན་གསོ་བའི་འཕྲོད་བསྟེན་ལྟེ་བ་ནང་ལུ་འགྱོ་དགོ ག་དེ་མགྱོགས་མགྱོགས་བརྟག་དཔྱད་དང་སྨན་བཅོས་འབད་་ཚུགས་པ་ཅིན་ བད་ཀན་དྲག་ཚུགསཔ་མ་ཚད་ འབུ་ནི་ལས་ཡང་བཀག་ཚུགསཔ་ཨིན།

སྤྱི་ཟླ་གསུམ་པ། 30th, 2020 གང་མང་ལྷབ་ནི་/ཤེས་ནི།

གསོ་བའི་གློག་བརྙན།