ཀོ་ཝིཌ-༡༩་གི་དུས་མཐུན་བཟོ་ནི།
| ཁྱབ་བསྒྲགས། | ཟླ་ཚེས། | ཡིག་སྣོད་བལྟ་ནི། |
|---|
གནས་ཚུལ་ཐོ་བཀོད་འབད་ནི/དུས་མཐུན།
འཛམ་གླིང་གསོ་བའི་ལས་སྡེ་གིས་ བརྡ་བརྒྱུདཔ་ཚུ་ལུ་གནས་ཚུལ་གསལ་སྟོན།
འཛམ་གླིང་གསོ་བའི་ལས་སྡེའི་ཡོངས་ཁྱབས་མདོ་ཆེན་ ཌོག་ཊར་ཀྲེ་དྲོསོས་ཀྱིས་ “འཛམ་གླིང་གསོ་བའི་ལས་སྡེ་གིས་དབྱེ་དཔྱད་འབད་དེ་ ཀོ་རོ་ན་ཝའི་རཱས་འདི་ འཛམ་གླིང་ནང་ལུ་ཡོངས་ཁྱབ་ནད་ཡམས་ཀྱི་ཁྱད་ཆོས་ཡོདཔ་སྦེ་ཨིན་པས།”
འབྲུག་རྒྱང་བསྒྲགས་ཀྱིས་ཀོ་ཝིཊ་-༡༩ སྐོར་གནས་ཚུལ་གསལ་སྟོན།
Press briefing on COVID-19 Posted by BBS on Thursday, March 12, 2020
ཀོ་ཝིཊ-༡༩ ནད་ཡམས་བྱུང་མི་དང་ གསོ་བའི་ལས་བྱེདཔ་ཚུ་གིས་གདོང་ལེན།
སྤྱི་ཚེས་༠༥.༠༣.༢༠༢༠ ལུ་ རྒྱལ་ཁབ་ནང་ལུ་ ནད་གཞི་ཀོ་ཝིཊ་- ༡༩ འགོ་དང་པ་ཐོབ་ཡོད་པའི་ངོས་འཛིན་ གཏན་ཁེལ་སོང་བའི་ཤུལ་ལུ་ ནད་གཞི་བཀག་འཛིན་འབད་ནིའི་དོན་ལུ་ གསོ་བའི་ལས་བྱེད་པ་ཚུ་གིས་ ཉིན་ནུབ་མེད་པར་ཕྱག་ཞུ་དོ་ཡོདཔ་དང་ གནས་སྟངས་ཚུ་ལྟ་རྟོག་འབད་བ་གི་མ་ཚད་ ཁོང་རའི་བཟའ་ཚང་ཚུ་དང་འཕྱད་ནི་ཡང་ བློས་གཏང་སྟེ་སོ་སོར་སྦེ་སྡོད་དགོཔ་བྱུང་སྟེ་ཡོདཔ་ཨིན།
ཁ་རས་ལག་ལེན་ནམ་འཐབ་ནི་ཨིན་ན?
ཁྱབ་བསྒྲགས: རང་གི་ཁྱིམ་ནང་ ཟུར་བརྟག་སྒྲིག་གཞི་ལུ་ གནས་མ་བཏུབ་པའི་སྐོར་ལས།
རང་གི་ཁྱིམ་ནང་ ཟུར་བརྟག་སྒྲིག་གཞི་ལུ་ གནས་མ་བཏུབ་ མཐོང་སྣང་ཡོདཔ་ལས་བརྟེན།
ཁྱབ་བསྒྲགས།
ད་རེས་ གསོ་བའི་བློན་པོ་མཆོག་གིས་ རྒྱལ་ཁབ་ནང་ལུ་ཡོད་པའི་ མི་སྡེའི་ལས་ཚོགས་ཚུ་གི་ ངོ་ཚབ་ཚུ་དང་འཕྱད་ཡོདཔ་ཨིན་མས། ཞལ་འཛོམས་ནང་ མི་རྗེ་གསོ་བའི་ལྷན་པོ་གིས་ ག་ར་གིས་གསོ་བའི་ལྷན་ཁག་ལུ་རྒྱབ་སྐྱོར་འབད་ནིའི་མནོ་བསམ་བཏང་སྟེ་འོང་མི་ལུ་ ངལ་རངས་དང་དགའ་ཚོར་ཡོད་ཟེར་གསུངས་ཡོདཔ་ཨིན་པས། མི་སྡེའི་ལས་ཚོགས་ཚུ་གིས་ ཀོ་ཝིཊ-༡༩ དང་འབྲེལ་བའི་གནད་དོན་ཚུ་གི་ཐོག་ལུ་ འགན་དབང་ལེན་ནིའི་ ལས་སྣ་ག་ཅི་བཟུམ་ཅིག་ཨིན་རུང་ མ་འབད་བའི་སྔ་གོང་ལས་ ལེགས་ཤོམ་དང་ འཇོན་ཐངས་ཅན་སྦེ་འབྲེལ་མཐུད་འབད་ནིའི་དོན་ལུ་ གསོ་བའི་ལྷན་ཁག་ལས་ལས་བརྒྱུད་དེ་འབད་དགོཔ་སྦེ་གསུངས་ཡི། མི་སྡེའི་ལས་ཚོགས་ཚུ་གི་...
ཀོ་རོ་ན་ནད་གཞིའི་དུས་མཐུན་སྙན་ཞུ: ད་རེས་ ཤོ་ཐེངས་གསུམ་པ་ཚུ་ ཟུར་བརྟག་ནང་ལས་བཏང་ཡོདཔ་།
ད་རེས་ ཤོ་ཐེངས་གསུམ་པའི་ མི་ངོམ་ ༨ སྤྱི་ཚེས་ ༡༩/༠༣/༢༠༢༠ ལུ་ ནད་མེདཔ་སྦེ་འཐོན་ནི་འདི་གིས་ ཟུར་བརྟག་ནང་ལས་བཏང་ཡོདཔ་ཨིན།
འབྲུག་ལུ་ ད་རེས་འགོ་དང་པ་ ནད་གཞི་ཀོ་ཝིཊ-༡༩ འཐོན་ཡོདཔ།
མི་མང་ལུ་ སྤྱི་ཟླ་༣ པའི་སྤྱི་ཚེ་༥ གི་ཕྱི་རུ་ཆུ་ཚོད་༡༡ ལུ་ ལྟ་བཤལཔ་གཅིག་ལུ་ ཀོ་ཝིཊ-༡༩ འཐོབ་ཡོདཔ་སྦེ་ གཏན་འཁེལ་སོང་ཡོདཔ་དང་ གྲུབ་འབྲས་དེ་ཡང་དྲོ་པ་ཆུ་ཚོད་༡༢:༣༠ ལུ་བདེན་ཁུངས་ཅན་སྦེ་བཟོ་ཡོདཔ་ཨིན། ཡུ་ཨེས་ཨེ་ལས་ སྐྱེ་ལོ་༧༦ ལང་མི་ནདཔ་འདི་ འབྲུག་ལུ་བལྟ་བཤལ་གྱི་དོན་ལུ་ འདི་ཡང་ རྒྱ་གར་གོ་ཧ་ཀྲི་རྒྱུད་དེ་ འབྲུག་མཁའ་འགྲུལ་གི་གནམ་གྲུ་ཨང་ ཀེ་བི་༢༤༡...
















