Friday, April 23, 2021

དུས་མཐུན་སྙན་ཞུ།

ཐིམ་ཕུ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཁྱབ་སྤེལ་འགྱོ་བའི་ཤུལ་ལུ་ སྤྱི་ཚེས་ ༢༠/༡༢/༢༠༢༠ ལས་ ༢༢/༠༡/༢༠༢༡ ཚུན་གྱི་ ནད་གཞི་ཐོབ་པའི་མི་ངོམ་གྱི་མཐོང་སྣང་།

སྤྱི་ཟླ་དང་པ། 25th, 2021 Read More

གསོ་བའི་ལྷན་ཁག་གིས་ མི་མང་ལུ་ དུས་རྒྱུན་དུ་ ཐུགས་དྲནམ་བཏོན་ཏེ་བཞུགས་གནང་ཟེར་ཞུ་ནི་ཨིན།

སྤྱི་ཟླ་དང་པ། 23rd, 2021 Read More

འགྲོ་འགྲུལ་བཀག་བསྡམ་ཡངས་ཆག་གཏང་རུང་སེམས་ཁར་བཞག་དགོཔ་ཚུ་ཡང་།

འགྲོ་འགྲུལ་བཀག་བསྡམ་དེ་ ཡངས་ཆག་གཏང་རུང་རང་ ང་བཅས་ཚུ་གིས་ འོག་ལུ་བཀོད་མི་བརྡ་འཕྲིན་ཚུ་ལུ་ དུས་རྒྱུན་དུ་གནས་དགོ།ང་བཅས་རའི་མི་མང་ཡོངས་ཀྱིས་ སྔོན་འགོག་གི་ཐབས་ལམ་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་འཁྱུ་ནི་ དེ་ལས་ རང་དང་གཞན་གྱི་བར་ན་ས་སྟོང་བཞག་ནི་ཚུ་ལུ་ དམ་དམ་སྦེ་གནས་མི་ལུ་བརྟེན་ཏེ་ ནད་ཡམས་ཁྱབ་སྤེལ་ཐེངས་གཉིས་པའི་བྱེམ་འདི་ ང་བཅས་ཀྱིས་མནོ་དོ་བཟུམ་སྦེ་གནམ་མེད་ས་མེད་མ་ཕོག་སྦེ་ཟེར་ ཐིམ་ཕུ་ལུ་ མི་མང་བརྟག་དཔྱད་ལས་རིམ་འགོ་འདྲེན་འཐབ་མི་འདི་མཇུག་བསྡུ་མི་དང་འབྲེལ་ ཧ་གོ་ཡོདཔ་ཨིན། དེ་འབདཝ་ལས་ མ་འོངས་པ་ནང་ལུ་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་བཀག་ནིའི་དོན་ལུ་ ང་བཅས་ཚུ་གིས་ འོག་ལུ་བཀོད་ཡོད་པའི་ སྔོན་འགོག་གི་ཐབས་ལམ་ལུ་ དུས་རྒྱུན་དུ་གནས་དགོཔ་ཨིན། སྔོན་འགོག་གི་ཐབས་ལམ་ཚུ་ལུ་གནས་ནི་འདི་ ང་བཅས་རའི་འགན་ཁུར་ཅིག་ཨིནམ་དང་ འགན་ཁུར་དེ་ སྣང་མེད་སྦེ་བཞག་ནི་མི་འོང་།

སྤྱི་ཟླ་དང་པ། 19th, 2021 Read More

ནད་ཡམས་ཀོ་ཝིཊ-༡༩ གི་སྨན་ཁབ་དང་འབྲེལ་བའི་དུས་མཐུན་སྙན་ཞུའི་བཅུད་དོན།

སྨན་ཁབ་ཀྱི་སྨན་ཆས་འགོ་དང་པ་འདི་ ཕྲལ་མགྱོགས་རང་ རྒྱལ་ཁབ་ནང་ལྷོད་ནི་ཨིན། སྨན་ཁབ་འདི་ མི་ག་ར་སྟབས་ཅིག་གུ་རྐྱབ་ནི་ཨིནམ་ལས་ སྨན་ཁབ་རྐྱབ་ནིའི་འོས་ཚད་ལྡན་པའི་མི་ངོམ་ག་ར་ལུ་ སྨན་ཁབ་འདི་ལངམ་སྦེ་འཐོབ་བཞིནམ་ལས་རྐྱངམ་ཅིག་ སྨན་ཁབ་ཚུ་རྐྱབ་ནིའི་འགོ་འདྲེན་འཐབ་འོང་། ང་བཅས་ལུ་ སྨན་ཁབ་འདི་ལངམ་སྦེ་འཐོབ་བཞིནམ་ལས་ རང་སོའི་མི་སྡེ་དང་ རྒེད་འོག་ སྤྱི་འོག་ཚུ་ག་རའི་ནང་ སྨན་ཁབ་རྐྱབ་ནིའི་ལས་རིམ་སྒྲིག་སྟེ་ བདུན་ཕྲག་གཅིག་གི་ནང་འཁོད་ མི་ག་ར་ སྨན་ཁབ་རྐྱབ་ཚར་ནིའི་འཆར་གཞི་ཨིན། འདི་བསྒང་ མི་ཚུ་ཕར་ཚུར་འགྲོ་འགྲུལ་འབད་ནི་འདི་ བདུན་ཕྲག་གཅིག་གི་རིང་ བཀག་ཆག་འབད་འོང། སྨན་ཁབ་གོ་རིམ་དང་པ་འདི་ རྐྱབ་ཚར་བའི་ཤུལ་ལས་ བདུན་ཕྲག་བཞི་གི་ཤུལ་ལས་ གོ་རིམ་གཉིས་པ་འདི་ཡང་ གོ་རིམ་དང་པ་བཟུམ་སྦེ་རང་ འགོ་འདྲེན་འཐབ་འོང་། རྒྱལ་སྤྱིའི་ཁྱད་ཚད་དང་བསྟུན་ སྨན་ཁབ་རྐྱབ་ནིའི་འོས་ཚད་མ་ལྡན་མི་ ༼སྐྱེས་ལོ་ ༡༨ མན་ཆད་དང་ ཨ་ལོ་ཆགས་ཡོད་པའི་ཨམ་སྲུ་ཚུ་ དེ་ལས་ ཨོམ་འཐུང་ནི་ཡོད་པའི་ཨ་ལོའི་ཨའི་ཚུ༽ མ་རྩིས་བའི་ལྷག་ལུས་ སྨན་ཁབ་རྐྱབ་རུང་བའི་ འོས་ཚད་ལྡན་པའི་མི་སེར་བསྡོམས་ཀྱིས་ ཧ་ལམ་ ༥༣༣,༠༠༠ འདེ་ཅིག་ཡོདཔ་ཨིན།མི་བསྡོམས་ ༥༣༣,༠༠༠ གི་དོན་ལུ་ སྨན་ཁབ་གཉིས་རེ་རྩིས་སྟེ་ བསྡོམས་ཀྱིས་སྨན་ཁབ་ ༡,༢༠༠,༠༠༠ འདེ་ཅིག་ དགོཔ་ཡོདཔ་ཨིན། སྤྱིར་བཏང་སྨན་བསྟེན་པའི་སྐབས་...

སྤྱི་ཟླ་དང་པ། 19th, 2021 Read More