Friday, April 23, 2021

དོགས་སེལ།: རང་སོའི་ཁྱིམ་དང་ ཟུར་བརྟག་ས་ཁོངས་ཚུ་ནང་ལུ་ ཟུར་བརྟག་དུས་ཡུན་ཡར་སེང་འབད་ཡོདཔ།

གསོ་བའི་ལྷན་ཁག་གི་དོགས་སེལ།

སྤྱི་ཟླ་གསུམ་པ། 31st, 2020 Read More

རྒྱལ་ཡོངས་ཀྱི་ ཀོ་རོ་ན་ནད་གཞིའི་ གནས་སྟངས་དུས་མཐུན་སྙན་ཞུ།

སྤྱི་ཚེས་༣༡.༠༣.༢༠༢༠ ཚུན་ཚོད་ཀྱི་ རྒྱལ་ཡོངས་ཀྱི་ ཀོ་རོ་ན་ནད་གཞིའི་ གནས་སྟངས་སྐོར་སྙན་ཞུ།

སྤྱི་ཟླ་གསུམ་པ། 31st, 2020 Read More

ཁྱབ་བསྒྲགས: ཟུར་བརྟག་ས་ཁོངས་ནང་ལས་ བཏང་པའི་སྐབས་ཀྱི་བྱ་སྒོའི་རིམ་པ་ཚུ།

འབྲེལ་ཡོད་འགན་འཛིན་འགོ་དཔོན་དང་ མི་མང་ཚུ་ལུ་ བརྡ་སྤྲོད་འབད་ནི་ཨིན།

སྤྱི་ཟླ་གསུམ་པ། 31st, 2020 Read More

ཁྱབ་བསྒྲགས: ཟུར་བརྟག་དུས་ཡུན།

གསོ་བའི་ལྷན་ཁག་གིས་ སྤྱི་ཚེས་ ༣༡/༠༣/༢༠༢༠ ལས་འགོ་བཟུང་སྟེ་ ཟུར་བརྟག་གི་དུས་ཡུན་འདི་ ཉིན་གྲངས་ ༡༤ ལས་ ༢༡ ལུ་ཡར་སེང་འབད་ཡོདཔ་དང་ ད་ལྟོ་ཟུར་བརྟག་ནང་ལུ་ཡོད་མི་ཚུ་ཡང་ འཕྲོ་མཐུད་དེ་རང་སྡོད་དགོཔ་ཨིན།  ཨིན་རུང་ ཕྱི་རྒྱལ་ལས་སྨན་བཅོས་དང་ ཡང་ཅིན་ ཨ་ལུ་སྐྱེས་ཞིནམ་ལས་ལོག་མི་ཚུ་ (ལོ་ཚད་དང་མ་འཁྲིལ་བར་) ཧེ་མ་བཟུམ་སྦེ་ར་ རང་སོའི་ཁྱིམ་ནང་ཟུར་བརྟག་འབད་བཞག་ནི་ཨིན།

སྤྱི་ཟླ་གསུམ་པ། 31st, 2020 Read More

འཛམ་གླིང་བད་ཀན་གྱི་ཉིནམ་ ༢༠༢༠།

སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༢༤ འདི་འཛམ་གླིང་བད་ཀན་གྱི་ཉིནམ་ཨིན། གལ་སྲིད་ བདུན་ཕྲག་ ༢ ལས་ལྷགཔ་སྦེ་ གློ་འཁོག་པ་ཅིན་ བརྟག་དཔྱད་ཀྱི་དོན་ལུ་ཉེ་འདབས་ཀྱི་ཚ་རིམས་སྨན་བཅོས་ཁང་ ཡང་ན་གསོ་བའི་འཕྲོད་བསྟེན་ལྟེ་བ་ནང་ལུ་འགྱོ་དགོ ག་དེ་མགྱོགས་མགྱོགས་བརྟག་དཔྱད་དང་སྨན་བཅོས་འབད་་ཚུགས་པ་ཅིན་ བད་ཀན་དྲག་ཚུགསཔ་མ་ཚད་ འབུ་ནི་ལས་ཡང་བཀག་ཚུགསཔ་ཨིན།

སྤྱི་ཟླ་གསུམ་པ། 30th, 2020 Read More

ཡང་བསྐྱར་ མི་སྡེ་ཆ་མཉམ་ གཅིག་སྒྲིལ་འབད་དགོཔ་ ཁག་ཆེ་བའི་སྐོར།

སྤྱི་ཚེས་ ༢༧/༠༣/༢༠༢༠ ལུ་ ཀོ་ཝིཊ-༡༩ དང་འབྲེལ་བའི་བརྡ་དོན་ཚོགས་མཐུན་ གློག་རིག་ཐོག་ལས་ཚོགས་པའི་སྐབས་ལུ་ འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་གསོ་བའི་ལས་ཚོགས་གི་འཐུས་མི་ག་ར་ལུ་ རྒྱལ་སྤྱིའི་གཅིག་མཐུན་ཐོག གཅིག་གི་གཅིག་ལུ་གྲོགས་རམ་འབད་ནིའི་ གོ་སྐབས་བཟོ་ཐབས་ལུ་དམིགས་ཏེ་ “Humanitarian Corridor་” ཟེར་མི་ཅིག་བཟོ་དགཔོ་འདུག་ཟེར་ཞུ་ཡི། མི་རྗེ་གསོ་བའི་བློན་པོ་གིས་ འབྲུག་རྒྱལ་ཁབ་བཟུམ་ཅིག་འབད་བ་ཅིན་ སྨན་བཅོས་དང་འབྲེལ་བའི་ཅ་དངོས་ཚུ་ ག་རང་ནང་འདྲེན་ལུ་བརྟེན་མི་དང་ གསོ་བའི་ལམ་ལུགས་སྒྲིང་སྒྲིང་མེད་པའི་རྒྱལ་ཁབ་གཞན་མི་ཚུ་གི་ ཚ་གྱང་སྦོམ་ཤོས་རང་ ཉེན་སྐྱོབ་ཅ་དངོས་དང་ བརྟག་དཔྱད་ཅ་ཆས་ དེ་ལས་ ཉེན་ཚབས་ཅན་གྱི་སྨན་བཅོས་ཀྱི་ཅ་དངོས་ཚུ་ འཕྲོ་མཐུད་དེ་རང་ཐོབ་ཚུགས་ག་མི་ཚུགས་འདི་ཨིན་ཟེར་གསུངས་ཡི།  

སྤྱི་ཟླ་གསུམ་པ། 30th, 2020 Read More