སྤུང་འཛོམས་ལས་འཛེམ་དགོ་པའི་སྐོར་ལས་ བརྡ་སྤྲོད་འབད་ནིའི་དོན་ལུ་ ཀོ་ཝིཊ-༡༩ དང་འབྲེལ་བའི་གནས་ཚུལ་གསལ་སྟོན་སྦེ་བའི་སྐབས་ལུ་ བརྡ་བརྒྱུདཔ་ཚུ་གི་བར་ནང་ མི་ཊར་རེ་གི་ ས་སྟོང་བཞག་སྟེ་སྡོད་བཅུག་ཡོདཔ་ཨིན།
ད་རེས་གི་གནས་ཚུལ་གསལ་སྟོན་འདི་ གཙོ་བོ་རང་ བརྡ་བརྒྱུདཔ་དང་རྒྱལ་ཁབ་ལུ་ ཀོ་ཝིཏ-༡༩ གི་ནདཔ་ གསུམ་པའི་སྐོར་ལས་ དུས་མཐུན་སྙན་ཞུ་འབད་ནིའི་དོན་ལུ་ཨིན།
མི་རྗེ་གསོ་བའི་ལྷན་པོ་གིས་ བརྡ་བརྒྱད་ཚུ་ལུ་གསུངས་མི་ནང་ ནད་གཞི་ཐོབ་མི་བུམོ་འདི་ ཡུ་རོབ་ལས་ད་རེས་ཁམས་ཅིག་ཁར་ལོག་འོང་ཡོདཔ་དང་ མོ་རྒྱལ་ཁབ་ནང་ལུ་ལྷོད་པའི་ཉིནམ་ལས་འགོ་བཟུང་ཞིནམ་ལས་ ཟུར་བརྟག་ས་ཁོངས་ནང་སྡོད་ཡོདཔ་ཨིནམ་དང་ ད་རེས་ནད་གཞི་ཐོབ་ཡོདཔ་སྦེ་གསལ་སྟོན་བྱུང་བའི་ཤུལ་ལུ་ ཟུར་བཞག་ཁང་མིག་ནང་ལུ་སྤོ་བཤུད་འབད་ཡོདཔ་དང་ མོ་སྒྲིང་སྒྲིང་སྦེ་རང་ཡོད་ཟེར་གསུངས་ཡོདཔ་ཨིན།
མི་རྗེ་གསོ་བའི་ལྷན་པོ་གིས་ བརྡ་བརྒྱུད་ཚུ་ལུ་ སློབ་ཕྲུག་དང་འབྲེལ་བ་ཡོད་པའི་མི་ངོམ་ ༣༡ ག་ར་འཚོལ་ཞིབ་འབད་དེ་ ཆ་མཉམ་རང་ ཟུར་བརྟག་ས་ཁོངས་ནང་བཞག་ཡོདཔ་ཨིན་ཟེར་གསུངས་ཡི།
མཁོ་ཚད་དང་མཁོ་ཆས་ལྡན་པའི་ཟུར་བརྟག་ས་ཁོངས་ཚུ་ ངོས་འཛིན་འབད་ཡོདཔ་དང་ འབྲུག་མི་ རྒྱལ་གབ་ནང་ལུ་འོང་མི་ཚུ་ག་ར་ རྒྱལ་ཁབ་ནང་ལུ་ལྷོདཔ་ཅིག་ ཟུར་བརྟག་ལུ་བཞག་ཡོདཔ་ལས། འབྲུག་རྒྱལ་ཁབ་འདི་ ནད་ཡམས་གདོང་ལེན་འབད་ནིའི་དོན་ལུ་ འཛམ་གླིང་རྒྱལ་གཞན་དང་འཕྱེདཔ་ད་ གདོང་ཁར་ཡོདཔ་ལས་ གསོ་བའི་ལྷན་པོ་གིས་ ང་བཅས་རའི་གཅིག་རུབ་ཀྱི་ བརྩོན་ཤུགས་དང་གྲུབ་འབྲས་ལུ་དཔའ་རྔམ་བསྐྱེད་དགོ་ཟེར་ ཡང་བསྐྱར་ཞུ་གསུངས་ཡི།
མི་རྗེ་གསོ་བའི་ལྷན་པོ་གིས་ འབྲུག་རྒྱལ་ཁབ་ཀྱི་ ཅིག་རུབ་དང་བརྩོན་ཤུགས་ཀྱྀ་ཐོག་ལས་ ཀོ་ཝིཊ-༡༩ གི་གདོང་ལེན་འབད་མི་འདི་ ‘ཁྱད་འཕགས་གི་གནས་ཚད’ དབྱེ་རིམ་ཅིག་ཨིན་ཟེར་ མི་སྡེ་བརྡ་བརྒྱུད་ཚུ་ལུ་གསུངས་ཡོདཔ་ཨིན།
