Friday, May 28, 2021

གསོ་བའི་ལྷན་ཁག་གིས་ སྤྱི་ཚེས་ ༣༡/༠༣/༢༠༢༠ ལས་འགོ་བཟུང་སྟེ་ ཟུར་བརྟག་གི་དུས་ཡུན་འདི་ ཉིན་གྲངས་ ༡༤ ལས་ ༢༡ ལུ་ཡར་སེང་འབད་ཡོདཔ་དང་ ད་ལྟོ་ཟུར་བརྟག་ནང་ལུ་ཡོད་མི་ཚུ་ཡང་ འཕྲོ་མཐུད་དེ་རང་སྡོད་དགོཔ་ཨིན། 

ཨིན་རུང་ ཕྱི་རྒྱལ་ལས་སྨན་བཅོས་དང་ ཡང་ཅིན་ ཨ་ལུ་སྐྱེས་ཞིནམ་ལས་ལོག་མི་ཚུ་ (ལོ་ཚད་དང་མ་འཁྲིལ་བར་) ཧེ་མ་བཟུམ་སྦེ་ར་ རང་སོའི་ཁྱིམ་ནང་ཟུར་བརྟག་འབད་བཞག་ནི་ཨིན།