ནད་ཡམས་ཀོ་ཝིཊ-༡༩ འདི་ལས་བརྟེན་ མི་རློབས་གཞན་དང་ཕྱདཔ་ད་ དབང་པོ་སྐྱོན་ཅན་ཚུ་ལུ་ མང་ཆེ་སུ་ཅིག་གནོད་ནི་བཟུམ་ཡོདཔ་ཨིན། ཐིམ་ཕུག་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོང་ཁར་ཁྲོམ་སྡེ་བཞི་མངའ་འོག་ལུ་ཡོད་པའི་ དབང་པོ་སྐྱོན་ཅན་ཡོད་པའི་མི་ཚུ་གི་ གསོ་བའི་ལྷན་ཁག་དང་མཉམ་ཅིག་ དམིགས་བསལ་གྱི་སྤྱོད་ཁྲལ་དགོངས་ཡངས་ཨང་ ༦༠༦༠ ཡང་ཅིན་ དམིགས་བསལ་བརྒྱུད་འཕྲིན་ཨང་ ༢༡༢༡ ནང་འབྲེལ་བ་འཐབ་ཞིནམ་ལས་ ཐོ་བཀོད་འབད་གནང་ནི་དང་ རྫོང་ཁག་གཞན་ཚུ་ལུ་ཨིན་པས་ཅིན་ རང་སོའི་རྫོང་ཁག་ནང་ལུ་ཡོད་པའི་ གསོ་བའི་འཕྲོད་བསྟེན་ལྟེ་བ་ཚུ་གི་ ཐོ་བཀོད་འབད་ནི་ཨིན་ཟེར་ ཞུ་བ་ཕུལཝ་ཨིན།
སྤྱི་ཚེས་ ༡༤/༠༤/༢༠༢༠ ལས་ ཐོ་བཀོད་འབད་ནི་འགོ་བཙུགས་ནི་ཨིན།
