Tuesday, September 22, 2020

འཆར་སྣང་།

འཕྲོད་བསྟེན་མཆོག་གྱུར་ཅན་གི་རྒྱལ་ཁབ།

དམིགས་གཏད།

  • ཕྱི་ནང་སྨན་བཅོས་སྤུས་ཚད་དང་ལྡན་པའི་ཞབས་ཏོག་སྤྲོད་ནི།
  • ནད་གཞི་ཚུ་བཀག་ཐབས་དང་ ཚད་འཛིན་འབད་ནི་ དེ་ལས་རྩ་མེད་བཏང་ནི།
  • མི་ཚེས་བསྐྱར་གསོ་འབད་ནི་དང་འཕྲོད་བསྟེན་ཅན་གྱི་མི་ཚེའི་གནས་སྟངས་གོང་འཕེལ་བཏང་ནི།
  • ཡུན་བརྟན་ཅན་ ངོས་ལེན་ཅན་ གོ་སྐབས་འདྲ་མཉམ་ བློ་གཏད་ཅན་དང་ གནས་གོང་རན་པའི་ གསོ་བའི་ཞབས་ཏོག་ཚུ་ངེས་གཏན་འབད་སྤྲོད་ནི།

 འགན་དབང་།

  • འབྲུག་གི་རྩ་ཁྲིམས་ཆེན་པོའི་རྩ་ཚན་༩ པའི་དོནཚན་༢༡ པ་དང་འཁྲིལ་ རྒྱལ་ཁམས་ཀྱིས་ དེང་རབས་དང་ སྔར་སྲོལ་གསོ་དཔྱད་ཀྱི་ཐོག་ལས་ མི་དམངས་གསོ་བའི་གཞིས་གནས་ཞབས་ཏོག་ཚུ་ སྟོང་པར་ཐོབ་ཚུགསཔ་བཟོ་དགོ།
  • སྤུས་ཚད་ཅན་གྱི་གསོ་བའི་ཞབས་ཏོག་ འཇམ་ཏོག་ཏོ་དང་ འདྲ་མཉམ་སྦེ་ངེས་གཏན་ཐོབ་ཚུགསཔ་བཟོ་ནི།

བརྩི་མཐོང་གཙོ་རིམ།

འཇོན་ཐང་། འགན་ཁུར་ཚུ་ཁྱད་རིག་གི་ཐོག་ལས་འབད་དེ་ གཞན་ལུ་བློ་སྟོབས་བསྐྱེད་བཅུག་ནི་དང་ སེམས་ཤུགས་འབྱིན་ནི།
བྱམས་སྐྱོང་། གཞན་གྱི་ཚོར་སྣང་ལུ་རྒྱབ་སྐྱོར་འབད་ནི་ སེམས་ཤུགས་བསྐྱེད་བཅུག་ནི་ གཞན་གྱི་ཚོར་སྣང་ཚུ་ཧ་གོ་ཚུགས་པའི་ཞབས་ཏོག་ཆ་རྐྱེན་ཕུལ་ནི།
འདྲ་མཉམ། འདྲ་མཉམ་དང་ གཞི་རྟེན་ཐོབ་དབང་ བརྩི་མཐོང་ གཅེས་སྐྱོང་གི་གོ་སྐབས ཡར་དྲག་བཏང་ནི།
དཔལ་འབྱོར། དྲན་ཤེས་ལྡན་པའི་གནས་གོང།
གཅིག་སྒྲིལ། ཀུན་སྤྱོད་རྣམ་བཞག་དང་ དྲང་བདེན་ དེ་ལས་འགན་ཁྲི་ཅན་གྱི་ཞབས་ཏོག་ཆ་རྐྱེན།
མཁས་རིག། བསམ་སྤྱོད་བཟང་པོའི་བྱ་བ་དང་ ལེགས་བཅོས་བསམ་བཀོད་ཀྱི་ཐོག་ལས་ མཁས་རིགས་དང་ལྡན་པའི་ གཅེས་སྐྱོངས་འབད་ནི།
སྤུས་ཚད། ཞབས་ཏོག་དང་གཅེས་སྐྱོང་མཆོག་གྱུར་ལུ་འགན་ལེན།