Tuesday, September 22, 2020

ནོ་བཱལ་ཀོ་རོ་ན་ཝའི་རཱས་དང་འབྲེལ་བའི་གནས་ཚུལ།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ རྒྱ་ནག་རྒྱལ་ཁབ་ ཧུ་བའི་མངའ་སྡེ་གི་ཝུ་ཧན་ཁྲོམ་སྡེ་ནང་ གློ་བའི་ཚ་ནད་མི་ལེ་ཤ་གིས་འཐོབ་སྟེ་ཡོད་པའི་སྐོར་ལས་ཉེན་བརྡ་འབད་ཡོདཔ་ཨིན།ནད་འབུཔ་འདི་ གཞན་ག་དང་ཡང་མ་འདྲཝ་སྦེ་ཡོདཔ་ཨིནམ་ལས་ ནད་འབུཔ་གསརཔ་འདི་གིས་མི་ཚུ་ལུ་གནོད་རྐྱེན་ག་དེ་སྦེ་ར་འབྱུང་བཅུག་འོང་ག་ཟེར་བའི་ཚ་གྱང་ཚུ་ལང་ནུག།

བདུན་ཕྲག་གཅིག་གི་རྒྱབ་ལས་ སྤྱི་ཚེས་ ༠༧/༠༡/༢༠༢༠ ལུ་ རྒྱ་ནག་གི་དབང་འཛིན་ཚུ་གིས་ ནད་འབུཔ་གསརཔ་འདི་ངོས་འཛིན་འབད་ཡོདཔ་སྦེ་སླབ་ཡོདཔ་ཨིན། ནད་འབུཔ་གསརཔ་འདི་ཡང་ ཀོ་རོ་ན་ཝའི་རཱས་ཟེར་ ཚ་རིམས་དང་ SARS དེ་ལས་ MERS གི་ནད་འབུཔ་དང་རིགས་གཅིག་པའི་ནད་འབུཔ་ཅིག་ཨིན་པས། འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས ནད་འབུཔ་གསརཔ་གི་མིང་ཡང་ གཞུང་འབྲེལ་དུ་ COVID-19 ཟེར་བཏགས་ནུག།  ནད་འབུཔ་འདི་གིས་དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་ལས་ན་བཅུག་དོ་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རང་དང་རང་གི་མཐའ་འཁོར་ལུ་ཡོད་མི་ཚུ་གིས་ ནད་གཞི་འདི་ལས་ག་དེ་སྦེ་སྲུང་སྐྱོབ་འབད་ནི་ཨིན་ནའི ལམ་སྟོན་འབད་དེ་ཡོདཔ་ཨིན།

  ༡༨-༠༣-༢༠༢༠ :ཟུར་བརྟག་གི་དུས་ཡུན་སྐོར་ལས་དོགས་སེལ།

 ༡༥-༠༣-༢༠༢༠: མི་རྗེ་གསོ་བའི་བློན་པོ་མཆོག་གིས་ ཀོ་ཝིཊ-༡༩ གདོང་ལེན་གྱི་བཀའ་སློབ།

 ༡༥-༠༣-༢༠༢༠: ཀོ་ཝིཊ་-༡༩: ཁྱིམ་ནང་ཟུར་བརྟག་འབད་ནིའི་ བྱ་བའི་གནས་སྤྱོད་།

 ༡༥-༠༣-༢༠༢༠: ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ ཀོ་ཝིཊ-༡༩ ཚན་རིག་བརྟག་དཔྱད་ཁང་ (RT-PCR) གཞི་བཙུགས་འབད་ཡོདཔ།

 ༡༥-༠༣-༢༠༢༠: ཀོ་ཝིཊ-༡༩ གི་ ནདཔ་སྐྱེལ་འདྲེན་གྱི་གནམ་གྲུ་ཡུ་ཨེས་ལུ་ཆགས་ཡོདཔ།

 ༡༥-༠༣-༢༠༢༠: ཀོ་ཝིཊ-༡༩: འགྲོ་འགྲུལ་པ་ཡོངས་ལུ་ ཁྱབ་བསྒྲགས།

 ༡༤-༠༣-༢༠༢༠: ཀོ་ཝིཊ-༡༩: ཉིན་ལྟར་གྱི་གནས་ཚུལ་གསལ་སྟོན།.

 ༡༣-༠༣-༢༠༢༠: ཀོ་ཝིཊ-༡༩: འགྲོ་འགྲུལ་བསླབ་སྟོན།